jk808s
མི་ཚེ་ནི་ཐུང་ཐུང་ཞིག་དེ། དེ་ལ་ངོས་འབབ་ཀྱི་རིན་ཐང་མེད་ལ། རང་གི་བསམ་བློས་ངོས་ནས་རིན་ཐང་ཡོད་པར་བསམ་ན་དེ་ནི་རིན་ཐང་ཡོད་པ་ཡིན། མི་ཚེ་ནི་མི་རྟག་པ་ཞིག་ཡིན་ལ། འདུས་བ་ཡོད་ན་བྲལ་བ་ལོས་ཡོད། གང་ནས་ཡོང་བའི་རླུང་བུ་ཞིག་གིས ནང་སེམས་གྱི་དྲན་པ་ཁུར་སོང་། ཁོ་བོའི་ངོ་གདོང་། དལ་བུར་ཡལ་སོང་། ནམ་ཞིག་བརྗེད་འགྲོ་འམ། ངས་དྲན་པའི་ངོགས་ཀྱི་རྡོ་རིང་ངོར་བརྗེད་མེད་ཀྱི་རི་མོ་འགོད་མཁན། ང་ཚོས། སྐྱོ་གདུང་གིས་ཁེངས་བའི་ཁ་སང་ལ་རྫོགས་ཚིག་བྲིས་ནས། ཡིད་ཆེས་ཡིས་ཁེངས་པའི་སང་ཉིན་ལ་གྲ་སྒྲིག་བྱས་ན་མི་ཆོག་འམ། ང་ཚོ་ལ། འཁང་ར་དང་ལེ་བདའ་ཡིས་ཅི་བྱ། ཕྲག་དོག་དང་ང་རྒྱལ་གྱིས་ཅི་བྱེད། སྔོན་ཆད། སུ་ལའང་མཛེས་སྡུག་གི་རྗེས་དྲན་ཡོད་ལ། སྐྱོ་གདུང་གི་མིག་ཆུའི་ཕྲེང་བའང་གཏོར་མྱོང་། ད་ལྟ། མིག་མདུན་གྱི་བདེ་སྐྱིད་དང་ཁེ་ཕན་ལ་མི་སྙེག་པར། མི་ཚེ་ལ་འགྱོད་མེད་ཀྱི་འདྲི་ཚིག་འབྲི་བར་འབད་ན། མ་འོངས་པར། རང་ཉིད་ཀྱི་ཡོད་ཚད་ལ་བཀའ་དྲིན་ཞུ་དུས། ཐོབ་ཡོད་ཀྱི་གྲུབ་འབྲས་ཡང་གཡུར་དུ་ཟ་སྲིད།